བསྟར་སྤྱོད་བཀའ་ཨང་༼ཆེ་མཐོ ༢༠༢༡/༧༦༧ ༽༢༠༢༣/2381
Enforcement Order No. (High Court 2021/767)2023/2381
བདེན་རྫུན་སོམ་ཉིད་དྲྭ་བོ་གཅོད་པའི་ཐིམ་ཕུག་ཁྲིམས་ཀྱི་འདུན་སའི་དྲགོས་དྲང་དཔོན་གཙོ་འཛིན་མཆོག་ལུ།
The Hon’ble Dasho Chief Drangpon.
ཆེད་དུ་དེ་ནི་ མཐོ་གཏུགས་པ་རྩོད་རྩ་འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་དང་ མཐོ་གཏུགས་པ་རྩོད་ཟླ་ཨྱོན་དབང་ཕྱུག་ རྩ་ཕན་གཉིས་ཀྱི་བར་ན་ བརྩོད་དོན་བསྐྱིན་འགྲུལ་སྐོར་ཁྲིམས་འདུན་གོང་འོག་བརྒྱུད་དེ་ རྩོད་བཤེར་མཛད་ཡོད་མི་དེ་ ཐོག་མ་ཁྲིམས་ཀྱི་འདུན་ས་ལུ་བསྟར་སྤྱོད་མཛད་ངང་ཡོདཔ་ལས་ ཐོག་མའི་ཁྲིམས་འདུན་གྱི་བསྟར་སྤྱོད་སྡེ་ཕྲན་ནས་ ཆེ་མཐོ་ཁྲིམས་འདུན་ལུ་འཁྲུན་ཆོད་དོན་འགྲེལ་གྱི་བཀའ་སློབ་གནང་ཐུབ་ཀྱི་ཞུ་བ་ སྣ་ཚོགས་སྙན་གསན་ སྤྱི་ཚེས་༢༧.༠༩.༢༠༢༣ ལུ་མཛད་ཡོད་མི་དེ་ གཤམ་གསལ་ལྟར།
In Re the Issue of Loan between appellant plaintiff RICBL and appellant respondent Ugyen Wangchuk heard from the lower to higher court, which is currently being enforced before the lower court, and for which the enforcement cell of the lower court has sought directives on the judgment. The matter was heard under Miscellaneous Hearing on 27.09.2023 as follows:
བཀའ་ཨང་༼ཐིམ་ཕུག་༢༠༡༩-༢༠༧༡༽༢༠༢༣/7546
Order No. (Thimphu 2019-2071)2023/7546
༊ ཆེ་མཐོ་ཁྲིམས་ཀྱི་འདུན་པའི་དྲགོས་ཁྲིམས་སྤྱི་རིན་པོ་ཆེ་མཆོག་གི་ཞབས་པས་དྲུང་དུ།
Before the Hon’ble Chief Justice
ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སའི་བསྟར་སྤྱོད་ཁྲིམས་འདུན་ནས་ཕྱགས་བཅས་ཞུགསོལ་ དེ་ནི་ རྩོད་རྩའམ་མཐོ་གཏུགས་པ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ ཚད་དང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་༡༠༨༡༠༠༠༠༡༦༢ ཅན་མ་འཆང་མི་ རྩོད་ཟླ་ཨྱོན་དབང་ཕྱུག་ རྩ་ཕན་གཉིས་པོའི་བར་ སྐྱིན་འགྲུལ་སྐོར་ལས་མ་ འགྲིགས་པར་ འདིར་རྫོང་ཁག་རྫོང་ཁག་ཁྲིམས་འདུན་བརྒྱུད་དེ་ མངོན་མཐོ་ཁྲིམས་འདུན་ཚུན་ཐུག་པའི་མཐར་ ཆེ་མཐོ་ཁྲིམས་ཁྲི་གཉིས་པའི་འཁྲུན་ཆོད་ དགོངས་དོན་ལྟར་ བསྟར་སྤྱོད་གྲུབ་དགོ་པའི་བཀའ་གནང་ཡོདཔ་ལས་ བསྟར་སྤྱོད་ཁྲིམས་འདུན་ནས་ རྩ་ཕན་ཚུ་ འབོ་བཀུག་མཛད་དེ་ འཁྲུན་ཆོད་བསྟར་སྤྱོད་ མཛད་ངང་ དངུལ་ཁང་གི་ལས་བྱེད་པ་ རྩོད་འབྲེལ་པ་བཀྲིས་དཔལ་འབྱོར་གྱིས་ཕུལ་བའི་བཤེར་ཡིག་ སྤྱི་ཚེས་༡༡.༠༩.༢༠༢༣ ཅན་མའི་ནང་གསལ་ ཆེ་མཐོ་ཁྲིམས་འདུན་ནས་ གནང་བའི་འཁྲུན་ཆོད་ནང་ དངུལ་ཁང་གི་འབྲེལ་ཡོད་ལས་བྱེད་པ་ཟེར་བ་མ་གཏོགས་ དང་པ་ མི་ཁུངས་ངོ་སྤྲོདལག་ཁྱེར་ཨང་ ༡༠༧༡༠༠༠༢༢༢༩ ཅན་མ་འཆང་མི་ ངོམ་བཀྲིས་དཔལ་འབྱོར་དང་ གཉིས་སུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་༡༠༧༡༦༠༠༢༠༥༦ ཅན་མ་འཆང་མི་ ངོམ་འཇིགས་མེད་རྣམ་རྒྱལ་དང་ གསུམ་པ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ ཡང་༡༠༩༠༣༠༠༡༢༥༣ ཅན་མ་འཆང་མི་ ངོམ་ཨྱོན་ལྷ་མོ་ དེ་བཞིན་ བཞི་པ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་༡༠༦༠༣༠༠༠༩༡༠ ཅན་མ་འཆང་མི་ ངོམ་འགྱུར་མེད་ཆོས་ཚོགས་ཁོང་བཞི་ཨིན་པའི་སྐོར་ འཁྲུན་ཆོད་ནང་ལུ་ འཁོད་དེ་མེད་ཟེར་ བ་མ་ཚད་ ཁོང་བཞི་པོས་ གནད་དོན་དེའི་སྐོར་ལས་ རྩོད་རྩ་འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱི་སྟེང་ འདིར་རྫོང་ཁག་ཁྲིམས་ཀྱི་འདུན་ རྩོད་བཤེར་ཕུལ་ཏེ་ འབྲེལ་གཏོགས་ཡོད་པའི་དངུལ་ཁང་གི་ལས་བྱེད་ཚུ་ ངེས་ཏིག་ག་ཨིན་ན་ དེའི་ཐོ་ཚུ་ཕུལ་ཏེ་ རྩོད་བཤེལ་དབྱེ་འཕྲོ་ཡོད་ཟེར་ཕུལ་བ་ལས་ འདིར་བསྟར་སྤྱོད་ཁྲིམས་ འདུན་ནས་ འཁྲུན་ཆོད་བསྟར་སྤྱོད་མཛད་པའི་སྐབས་སུ་ ནོར་འཁྲུལ་མི་ཤོར་ནིའི་མཐའ་དོན་ལུ་གཟིགས་ཏེ་ ཆེ་མཐོ་ཁྲིམས་འདུན་ལས་གནང་བའི་འཁྲུན་ ཆོད་ནང་གསལ་ སྐྱིན་འགྲུལ་ངོ་སྐྱེད་བསྡོམས་དངུལ་ཀྲམ་༡༠༢,༣༩༣,༢༨༠.༡༡/-༼ས་ཡ་ཆིག་བརྒྱ་གཉིས་དང་སུམ་འབུམ་དགུ་ཁྲི་སུམ་སྟོང་ཉིས་བརྒྱ་གྱ་བཅུ་ དང་བྱེད་ཀྲམ་ བཅུ་གཅིག༽པོའི་ཐོག་ལས་ དཔྱད་གཅིག་པོའི་ཐད་ དེར་ཁྲིམས་འདུན་གྱི་བཤེར་བཅུད་ནང་ལུ་ཚུད་པའི་གོང་འཁོད་མི་ངོམ་བཞི་པོ་རྐྱངམ་ཅིག་ ཨིན་པའི་གོ་དོན་ལེན་སྟེ་ ཁོང་བཞི་པོའི་སྟེང་ཁར་བཀལ་བ་ཅིན ་ནོར་འཁྲུལ་ཡོད་མེད་ཀྱི་བཀའ་སློབ་ཞིག་གནང་ཐུབ་ཡོད་པའི་གསོལ་འདེབས་ཕུལ་བ་སྐུ་གསུང་ ཐུགས་དམ་པ་མཁྱེན་མཁྱཻན་ལགས། གནམ་ལོ་ཆུ་མོ་ཡོས་ལོ་ཟླ་བདུན་པའི་ཚེས་ཉེར་བརྒྱད་དམ་ སྤྱི་ཚེས་༡༢.༠༩.༢༠༢༣ ལུ་
ཕྱགས་བཅས་
ཕུལ།
The Enforcement Court of the District Court of Thimphu, would like to submit that the matter relating to loan between the plaintiff/appellant RICBL and the respondent, Ugyen Wangchuk bearing CID No. 10810000162, which was appealed from this district court till the supreme court wherein it was ordered that the enforcement should be carried out as per the judgment of the Bench II of the high court. Accordingly, the parties were summoned and while the judgment was being enforced, an employee of the bank and a related party Tashi Penjor vide his petition dated 11.09.2023 submitted that the judgment of the High Court specifies only as "relevant employees of the bank" and that the judgment doesn’t mention the four employees being firstly Tashi Penjor bearing CID No. 10710002229, and secondly Jigme Namgyal bearing CID No. 10716002056, thirdly Ugyen Lhamo bearing CID No. 10903001253, and similarly Jurme Chetsho bearing CID No. 10603000910. Further, he has also submitted that to clarify on this ambiguity, a separate case has been initiated against the plaintiff RICBL and is sub judice before the District Court to determine the "relevant employees of the bank." Hence, with the aim of avoiding mistakes by this enforcement court during the enforcement, we seek clarity, on the judgment of the high court wherein it is mentioned the loan amount including the capital and interest amounting to be Nu. 102,393,280.11 (One Hundred Two Million, Three Hundred Ninety-Three Thousand, Two Hundred Eighty Ngultrum and Eleven Chetrum only). In this matter we would like to seek directives from the hon’ble court that if in case, this enforcement court levy one part of the above amount to the four employees based on their names being mentioned in the court summary, then whether there would be mistake or no mistake on this enforcement. Submitted on this twenty-eighth day of the seventh month of the water female rabbit lunar year, 12.09.2023.
ཆེ་མཐོ་ཁྲིམས་ཁྲི་གཉིས་པའི་ འཁྲུན་ཆོད་ཨང་༼ཆེ་མཐོ་༢༠༢༡-༧༦༧༽ སྤྱི་ཚེས་༢༦.༡༠.༢༠༢༡ ལུ་ གནང་མི་གནང་གསལ་ལྟར་ “་་་སྤྱི་ཚེས་༣༡.༠༧.༢༠༢༡ ཚུན་བསགས་ཡོད་པའི་ངོ་སྐྱེད་ཉེས་སྐྱེད་བསྡོམས་དངུལ་ཀྲམ་ ༡༠༢,༣༩༣,༢༨༠,༡༡/- ༼ས་ཡ་གཅིག་བརྒྱ་གཉིས་དང་གསུམ་ འབུམ་དགུ་ཁྲི་སུམ་སྟོང་ གཉིས་བརྒྱ་བརྒྱད་ཅུ་དང་ཕྱད་ཀྲམ་བཅུ་གཅིག༽པོ་ གྱོངས་རྒུད་འདྲ་མཉམ་ བཀལ་ཏེ་རེ་རེའི་སྟེང་ཁར་དངུལ་ཀྲམ་ ༣༤,༡༣༡,༠༩༣.༣༧/- ༼ས་ཡ་སུམ་བཅུ་སོ་བཞི་དང་ ཆིག་འབུམ་སུམ་ཁྲི་གཅིག་སྟོང་དགུ་བཅུ་གོ་གསུམ་དང་ ཕྱེད་ཀྲམ་སོ་བདུན༽པོ་ སྐབས་འབབ་པའི་ པའི་རྩོད་བཤེར་དེ་ནང་ གོང་འཁོད་ཀྱི་ཆེད་དམིགས་ཀྱི་ ནོར་བ་འབྱུང་བཙུག་མི་རྩ་ཕན་ དང་པ་ ཨྱོན་དབང་ཕྱུག་ གཉིས་པ་ འབྲེལ་གཏོགས་ཡོད་མི་དངུལ་ ཁང་གི་ལས་བྱེདཔ་དང་ གསུམ་པ་འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་བཅས་ལུ་ དཔྱ་གསུམ་ལུ་དབྱེ་ཁག་འབད་དེ་ དཔྱ་རེ་རེ་སྨིན་ཡོད་མི་དེ་་ ཁོང་རའི་བགོ་བཤའ་འདི་ ཚང་སྒྲིགས་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ལུ་བསྟབ་དགོ་” ཟེར་ཡོད་མི་དེ་ལུ་ མངོན་མཐོ་ཁྲིམས་འདུན་ནས་ཀྱང་ སྤྱི་ཚེས་༡༣.༠༧.༢༠༢༢ ལུ་འཁྲུན་ཆོད་ཨང་ ཨོཾ༢༡-༧༢༢ ཅན་མ་ལྟར་ ཆེ་མཐོ་ཁྲིམས་ཁྲིའི་འཁྲུན་ཆོད་ཆ་གནས་ཧྲིར་བུ་མཛད་མི་དང་འཁྲིལ་ཏེ་ ཐོག་མ་ཁྲིམས་འདུན་གྱི་བསྟར་སྤྱོད་མཛད་པའི་སྐབས་ འཁྲུན་ཆོད་ནང་གསལ་ འབྲེལ་གཏོགས་ཡོད་མི་དངུལ་ཁང་གི་ལས་བྱེདཔ་ཟེར་འཁོད་ཡོད་མི་ལུ་དོགས་ སེལ་གནང་དགོས་པའི་རྩོད་ཨང་༼ཐིམ་ཕུག-༢༠༡༩/༢༠༧༡༽༢༠༢༣/༧༥༤༦ ཅན་མ་དེ་ལུ་ ཁྲིམས་ཁྲི་གཉིས་པ་ནས་ཀྱང་ སྔོན་འཁྲུན་ཆོད་ནང་ལུ་ ཁྲིམས་ཁྲིའི་བསྐྱར་ཞིབ་བཅུད་དོན་ ནང་གསལ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ནང་ལཱ་འབད་མི་འགྱུར་མེད་ཆོས་ཚོགས་ཟེར་མི་གིས་ ཨྱོན་དབང་ཕྱུག་ལས་ གནང་བ་མེད་པར་ ཨྱོན་དབང་ཕྱུག་གི་རྩིས་དེབ་ཨང་PLCONSUMOD/2012/217 ཅན་མའི་ནང་ལས་བསྐྱིན་ཚབ་དངུལ་ཀྲམ ༢,༠༠༠,༠༠༠/-༼ས་ཡ་གཉིས༽ ཐམ་པ་རྩིས་དེབ་ཨང་CRCS/2010/84 ཅན་མ་འདི་ནང་བཙུགས་ཡོད་པ་དང་ འདི་ད་འདྲཝ་འབད་ བཀྲིས་དཔལ་ འབྱོར་གྱིས་ཨྱོན་དབང་ཕྱུག་གི་ གནང་བ་མེད་པར་ ཁོ་རའི་རྩིས་དེབ་ཨང་གཞན་ཁ་ལས་ དངུལ་ཀྲམ་༡,༠༠༠,༠༠༠/-༼ས་ཡ་གཅིག་༽ཐམ་པ་རྩིས་དེབ་ ཨང་CRCS/2010/84 ཅན་མ་འདི་བཙུགས་ཡོད་པའི་ཁར་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱིས་ ཨྱོན་དབང་ཕྱུག་གི་གནང་བ་མེད་པར་ ཁོ་རའི་རྩིས་དེབ་ཨང་ CRCS/2010/84 ཅན་མ་ནང་ལས་ སྤྱི་ཚེས་༢༠.༠༢.༢༠༡༢ ལུ་ དངུལ་ཀྲམ་༡,༠༠༠,༠༠༠/-༼འབུམ་བཅུ་ཐམ་༽ འབད་མི་ཚར་གཉིས་བཏོན་ཏེ་ འགྱུར་མེད་ཆོས་ཚོགས་ཀྱི་ རྩིས་དེབ་ཨང་PLCOSUMOD/2011/166 དང་ PLCOSUMOD /2011/193 ཅན་མ་ནང་བཙུགས་ཡོད་པ་དང་ ད་རུང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱི་ ལཱ་འབད་མི་ཨྱོན་ལྷ་མོ་གིས་ ཚེ་རིང་པདྨོ་གྱི་གནང་ བ་མེད་པར་ མོ་རའི་རྩིས་དེབ་ཨང་ PLCONSUMOD/2012/217 ནང་ལས་དངུལ་ཀྲམ་༡,༦༦༢,༨༣༥/-༼ས་ཡ་གཅིག་དང་དྲུག་འབུམ་ དྲུག་ཁྲི་ཉིས་སྟོང་བརྒྱད་བརྒྱ་སོ་ལྔ་ ༽པོ་ རྩིས་ དེབ་ཨང་CRCS/2010/84 ཅན་མ་འདི་ནང་བཙུགས་ཡོད་པ་མ་ཚད་ རྩིས་དེབ་འདི་ན་(Bank Gurantee) བསྡོམས་ཁག་༧ དེ་ཅིག་བཏང་ཡོད་ མི་གི་ དངུལ་འདི་ཚུ་ཡང་རྩིས་དེབ་འདི་གི་ཐོག་ཁར་ཡིག་ཆས་ཚུ་ཚུལ་མཐུན་གང་ཡང་ མེད་པར་བསྐྱིན་འགྲུལ་འདི་གི་ཐོག་ཁར་བསྡབ་ཡོད་པའི་མངོན་གསལ་འབྱུང་ཡི། དེ་བཞིན་ རྩིས་དེབ་ཨང་CRCS/2010/84 ཅན་མ་འདི་གི་ཐོག་ལས་ ཨྱོན་དབང་ཕྱུག་གི་གནང་བ་མེད་པར་ ལས་འཛིན་གྱི་ལས་བྱེད་པ་འཇིགས་མེད་རྣམ་རྒྱལ་གྱིས་ དངུལ་ཀྲམ་༤༤༠,༠༠༠/-༼བཞི་འབུམ་བཞི་ཁྲི་༽ཐམ་པ་ བཏོན་ཡོད་པའི་མངོན་གསལ་བྱུང་ཡི།” ཟེར་ འཁོད་ཡོདཔ་ལས་འབྲེལ་གཏོགས་ཡོད་མི་དངུལ་ཁང་གྱི་ལས་བྱེདཔ་ གོང་འཁོད་མི་ངོམ་བཞི་གི་མིང་ གསལ་ཏོག་ཏོ་འབད་འཁོད་ཡོདཔ་ལས་དང་པ་ངོ་སྤྲོད་ལག་འཁྱེར་ཨང་༡༠༧༡༠༠༠༢༢༢༩ ཅན་མ་ འཆང་མི་ངོམ་བཀྲིས་དཔལ་འབྱོར་དང་ གཉིས་སུ་ངོ་སྤྲོད་ ལག་འཁྱེར་ཨང་༡༠༧༡༦༠༠༢༠༥༦ ཅན་མ་འཆང་མི་ངོམ་འཇིགས་མེད་རྣམ་རྒྱལ་དང་ གསུམ་པ་ངོ་སྤྲོད་ལག་འཁྱེར་ཨང་༡༠༩༠༣༠༠༡༢༥༣ ཅན་མ་འཆང་ མི་ངོམ་ ཨྱོན་ལྷ་མོ་ དེ་བཞིན་བཞི་པ་ངོ་སྤྲོད་ལག་འཁྱེར་ཨང་༡༠༦༠༣༠༠༠༩༡༠ ཅན་མ་འཆང་མི་ངོམ་འགྱུར་མེད་ཆོས་ཚོགས་ཁོང་བཞི་གིས་ སྟེང་ཁར་ འཁྲི་བ་བཀལ་བ་ཅིན་ འཁྲུན་ཆོད་དང་འཁྲིལ་ཏེ་ནོར་འཁྲུལ་མེདཔ་ལས་ ཁོང་རའི་བགོ་བཤའ་འདི་ཚང་སྒྲིགས་འབྲུག་རྒྱལ་ཉེན་སྲུང་ ལས་འཛིན་ཚད་ལུ་ བསྟབ་དགོས་པའི་ཁྲིམས་རིམ་གོང་འོག་གཉིས་ཀྱིས་འཁྲུན་ཆོད་ནང་གསལ་ལྟར་ བསྟར་སྤྱོད་མཛད་དོན་དུ་ ཆེ་མཐོ་ཁྲིམས་ ཀྱི་འདུན་སའི་འཁྲུན་ཆོད་དེ་ བཞིན་བསྟར་སྤྱོད་མཛད་དགོས་པ་བཅས། གནམ་ལོ་ཆུ་མོ་ཡོས་ལོ་ཟླ་བརྒྱད་པའི་ཚེས་༡༨ ལུའམ་ སྤྱི་ཚེས་ ༠༢.༡༠.༢༠༢༣ ལུ་དཔལ་ལྡན་འབྲུག་པའི་ཁྲིམས་ཀྱི་ བཀའ་རྒྱ།
As per Judgement No. (High Court 2021-767) of Bench 2 of the High Court dated 16.10.2021, “…the loan principal, interest, and penalties outstanding as of 31.7.2021, which amounts to Nu. 102,393,280.11, shall be divided equally. Each portion comes to Nu. 34,131,093.37. In this current case, due to the afore-mentioned faults, the first party is Ugyen Wangchuk, the second party is relevant employees of the bank, and the third party is RICBL. Each party is liable for one-third of the total, and each portion is liable to be paid in full to RICBL…” On this, the Supreme Court on 13.7.2022, in accordance with the Judgement Order No. Om 21-722, upheld the High Court's judgement. While enforcing the High Court's Judgment, based on the judgement pertaining to the relevant employees of the bank and on seeking clarification of letter No. (Thimphu-2019/2071)2023/7546, the Bench 2 (High Court), also rules on the Supreme Court Judgement mentioned in its review summary as “Jurme Chetsho, working with RICBL without the consent of Ugyen Wangchuk, transferred Nu. 2,000,000.00 (Ngultrum Two Million) from Loan Account No. PLCONSUMOD/2012/217 to CRCS/2010/84 as repayment. Additionally, Tashi Penjor, from another account and without Ugyen Wangchuk's consent, deposited Nu. 1,000,000.00 (Ngultrum One Million) to CRCS/2010/84. RICBL, without Ugyen Wangchuk's consent, withdrew Nu. 1,000,000.00 (Ngultrum One Million) twice from his account number CRCS/2010/84 on 20.02.2012 and deposited it into Jurmey Chetsho's account No. PLCOSUMOD/2011/166 and PLCOSUMOD/2011/193. Moreover, Ugyen Lhamo, working at RICBL without the consent of Tshering Pem, transferred Nu. 1,552,834.00 (Ngultrum One Million Five Hundred Fifty-Two Thousand Eight Hundred Thirty-Four) from her account number PLCONSUMOD/2012/217 to CRCS/2010/84. In the same account, seven bank guarantees were merged without any supporting documents as per standard norms. Furthermore, Jigme Namgyal withdrew Nu. 440,000.00 (Ngultrum Four Hundred Forty Thousand) from the account no. CRCS/2010/84 without Ugyen Wangchuk's consent.” Hence, as it has been clearly specified in the judgment, the relevant employees of the bank are these four employees, there will be no mistake in relaying the liability on these four individuals firstly Tashi Penjor bearing CID No. 10710002229, and secondly Jigme Namgyal bearing CID No. 10716002056, thirdly Ugyen Lhamo bearing CID No. 10903001253, and similarly Jurme Chetsho bearing CID No. 10603000910. Therefore the enforcement shall be carried out as per judgment of the high court as mentioned under the two level of courts wherein the portion from each individual must be paid in full to RICBL. Order from the court of Bhutan is issued on this eighteenth day of the eighth month of the water female rabbit lunar year, corresponding to 2.10.2023.
If RICBL, in Nov-2022, during the enforcement of the High Court Judgement, names four employees from the Case Summary of the High Court Judgement, and since the names aren't mentioned in the Judgement (Thuenche) and Order (Kaja), then the Enforcement Court, upon seeking clarification from the High Court in Oct-2023, finds that the Hon'ble High Court names the same four employees from the Order (Kaja) of the Supreme Court. On the other hand, the Order (Kaja) of the Supreme Court orders the enforcement of the High Court Judgement as it is.
Which Judgement do you enforce: the High Court's, which doesn't have their names, or the Supreme Court's, which upholds the High Court Judgement?
Whats your opinion on this? Click Here for more
This webpage is created with the sole purpose of shedding light on the experiences of four unfortunate employees named by RICBL.
It is not intended to undermine or challenge the decisions of the Hon'ble Courts but rather aims to explore how the institution they served for 16 years may have shifted responsibility in the context of a Loan Default Case from 40+ employees to only 4 employees.
Update: The Hon'ble High Court names four employees after the clarification issued on October 2, 2023.